འོས་བསྡུའི་བརྒྱུད་རིམ་གྱི་བྱ་གཞག་ལ་འགྱུར་འགྲོས་ཇི་བྱུང་།

འོས་བསྡུའི་བརྒྱུད་རིམ་གྱི་བྱ་གཞག་ལ་ཁྲིམས་ལུགས་དང་སྲོལ་རྒྱུན་གང་ཅིའི་འགྱུར་འགྲོས་ཇི་བྱུང་ཐད་དཔྱད་ཞིབ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་འགན་ཇི་ཡོད།

༄༅།།ཐེངས་འདིའི་རྩོམ་སྒྲིག་པའི་གླེང་སྟེགས་ནང་། དེང་སྐབས་བོད་མི་བཙན་བྱོལ་སྤྱི་ཚོགས་ཁྲོད་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་དྲིལ་བསྒྲགས་དང་། བགྲོ་གླེང་།འོས་མི་རྣམས་ཀྱིས་རང་རང་གི་འཆར་སྣང་མང་ཚོགས་ལ་ངོ་སྤྲོད་གནང་བཞིན་པའི་འཁྲུགས་ཆ་དོད་པའི་དུས་སྐབས་འདིར། འོས་བསྡུའི་བརྒྱུད་རིམ་གྱི་བྱ་གཞག་ལ་ཁྲིམས་ལུགས་དང་སྲོལ་རྒྱུན་གང་ཅིའི་འགྱུར་འགྲོས་ཇི་བྱུང་ཐད་དཔྱད་ཞིབ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་འགན་ཇི་ཡོད་བཅས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྡ་རམ་ས་ལར་གནས་བཞུགས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་དང་། འདི་གའི་རྡ་རམ་ས་ལའི་ལས་བྱེད་ཨོ་རྒྱན་བསྟན་འཛིན་ལགས་དང་ལྷན་བཀའ་བསྡུར་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org