0:00 / 0:00
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་བྱང་ཤར་ཁུལ་ཡོད་པའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་ཚོས་ཇ་ཤིང་འདེབས་ལས་བྱ་བཞིན་ཡིན་ཀྱང་ཐོན་སྐྱེད་རྣམས་ཚོང་དུ་ཐག་རིང་དུ་འགྲོ་དགོས་པའི་དཀའ་ངལ་སེལ་ཐབས་སུ་ས་གནས་མཉམ་འབྲེལ་ལས་ཁང་གིས་ཇའི་ བཟོ་གྲྭ་ཞིག་གསར་འཛུགས་གནང་བཞིན་པའི་སྐོར། འདི་ཐད་ ས་གནས་མཉམ་འབྲེལ་ ཚོགས་གཙོ་བཀྲིས་དོན་གྲུབ་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག