སྟག་སྣ་འཇིགས་མེད་བཟང་པོའི་སྐོར་དཔེ་དེབ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས་སྐོར་དཔེ་དེབ་ཅིག་པར་བསྐྲུན་བྱས་ཡོད་པ།

སྲིད་སྐྱོང་མཆོག་གིས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས་མི་ཚེའི་མྱོང་བ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ། དབུས་བོད་མིའི་སྒྲིག་འཛུགས།

༄༅༎དེ་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ།  རྒྱ་ནག་གི་བཙོན་ཁང་དུ་མི་ལོ་༣༧་རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་རྒྱུས། མི་ཚེའི་མྱོང་བ་ཞེས་པའི་དཔེ་དེབ་ཅིག་པར་བསྐྲུན་འགྲེམས་སྤེལ་བྱས་འདུག དཔེ་དེབ་དེའི་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org