༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་ཤོས་དེ་ཡིན། ཨ་ཀྱ་རིན་པོ་ཆེ་མཆོག་གིས།

སྐྱབས་རྗེ་ཨ་ཀྱ་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་ཤོས་དེ་ཡིན་པ་གསུངས་ཡོད་པ་རེད།

༢༠༢༠།༢།༢༦།སྐྱབས་རྗེ་ཨ་ཀྱ་རིན་པོ་ཆེ་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ལ་རབ་གནས་གནང་སྐབས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པ་སངས་དོན་ལྡན།

༄༅། །སྐྱབས་རྗེ་ཨ་ཀྱ་རིན་པོ་ཆེ་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ལ་རབ་གནས་གནང་སྐབས།  སོག་ཡུལ་ནང་དུ་ནང་ཆོས་རྒྱུན་འཛིན་ཡོང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་གསུངས་བ་དང་།  བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་ཤོས་དེ་ཡིན་པ་གསུངས་ཡོད་པ་རེད།  གནས་ཚུལ་རྒྱས་པ་ས་གནས་སུ་ཆེད་གཏོང་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org