རྒྱ་ནག་ལ་རྒྱལ་སྤྱིའི་ངོས་ནས་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པ་དང་ངོ་རྒོལ་མང་དུ་འགྲོ་བཞིན་པ།

རྒྱ་ནག་ལ་རྒྱལ་སྤྱིའི་ངོས་ནས་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པ་དང་ཕྱི་ཕྱོགས་སུ་བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ་དང་ཧོང་ཀོང་ལས་འགུལ་བ་ཚོས་ངོ་རྒོལ་བྱེད་བཞིན་པ།

ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་པ་བཀྲིས་ལམ་བཟང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཇོ་ལེབ་ཆོས་འཕེལ།

མི་རབས་གསར་པའི་ལེ་ཚན་ནང་། ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་རྒྱ་ནག་ལ་རྒྱལ་སྤྱིའི་ངོས་ནས་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཕྱི་ཕྱོགས་སུ་བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ། དེ་བཞིན་ཐེ་ཝན་དང་ཧོང་ཀོང་ལས་འགུལ་བ་ཚོས། རྒྱ་ནག་ལ་ནུས་པ་མཉམ་སྤུང་གི་ལས་འགུལ་མང་པོ་སྤེལ་བཞིན་ཡོད་པ་སོགས་ཀྱི་སྐོར། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་པ་བཀྲིས་ལམ་བཟང་ལགས་སུ། འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་དཔྱད་གཞིའི་དགོངས་ཚུལ་བཅར་འདྲི་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org