དྭང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་བྱུང་བ་དང་དེའི་དམིགས་ཡུལ།

དྭང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་བྱུང་བ་དང་དེའི་དམིགས་ཡུལ་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་ VTAG ཞེས་དྭང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་བྱུང་བ་དང་དེའི་དམིགས་ཡུལ། ༢༠༢༡ ལོར་ལས་འགུལ་འདི་འགོ་བཙུགས་ནས་ད་བར་ཕྱིར་སྡོད་བོད་རིགས་གཞོན་སྐྱེས་ཚོས་དོ་སྣང་བྱེད་ཕྱོགས་དང་། དྭང་བླངས་ལས་འགུལ་འདིའི་ནང་ཚོགས་མི་ཇི་ཙམ་ཡོད་མེད་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པའི་ལེའུ་དང་པོ་འདི་གསན་རོགས་གནང་།།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org