རྒྱ་ནག་གཞུང་གིས་བོད་ནང་དྲྭ་ཐོག་གི་དཀྲོག་གཏམ་གཙང་སེལ་ཞེས་པའི་ལས་གཞི་སྤེལ་བའི་སྐོར།

Chinese state media

ཉེ་ཆར་ཟླ་བ་དགུ་པའི་ཚེས་བཅུ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡༢ པའི་ཚེས་ ༣ ནས་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༩ པའི་ཚེས་ ༩ བར་རྒྱ་ནག་གཞུང་གིས་ ༢༠༢༤ ལོའི་དྲྭ་རྒྱ་གཙང་སེལ་ཞེས་ལྷ་ས་ས་ཁུལ་ཡོངས་ལ་དྲྭ་རྒྱའི་དཀྲོག་གཏམ་གཙང་སེལ་གྱི་ལས་གཞི་སྤེལ་བའི་ཐོག་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་པ་བཞིན། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་བོད་ནང་ད་བར་དྲྭ་རྒྱ་གཙང་སེལ་གྱི་ལས་གཞི་སྤེལ་བ་དེ་ཚོས་བོད་མིའི་སེམས་ནང་འཇིགས་སྣང་སློང་གཞི་ཞིག་ཆགས་ཡོད་པ་དང་། དེས་བོད་ནང་གི་གནས་ཚུལ་ཐོབ་དཀའ་བའི་སྐོར་སོགས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད་པའི་སྐོར་སོགས། སྲི་ཐར་བློ་བཟང་རྒྱ་མཚོ་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org