ཨ་རིའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་ཉིན་གསུམ་རིང་འཚོགས་གཏན་འཁེལ་ཡོད་པ།

འདི་ལོ་ཨ་རིའི་ནང་ཆོ་འཕྲུལ་སྨོན་ལམ་ཐེངས་དང་པོ་དེ་ཉིན་གསུམ་གྱི་རིང་ཚོགས་གཏན་འཁེལ་ཡོད་པའི་སྐོར་གྲ་སྒྲིག་ཚོགས་ཆུང་ནས་ངོ་སྤྲོད་གནང་བ།

ཨ་རིའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་ཉིན་གསུམ་གྱི་རིང་འཚོགས་གཏན་འཁེལ་ཡོད་པ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲ་སྒྲིག་ཚོགས་ཆུང་གི་ངོ་དེབ།

ལོ་ལྟར་བོད་ཟླ་དང་པོའི་ནང་ལོ་གསར་དགའ་སྟོན་རྗེས་སུ་བོད་མི་ཡོངས་ནས་དད་པ་དང་སེམས་ཚོར་ཆེན་པོའི་ངང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའོ་དུས་ཆེན་སྲུང་རྩི་ཞུ་སྲོལ་ཡོད་ཅིང་། འདི་ལོ་ཨ་རིའི་ནང་ཆོ་འཕྲུལ་སྨོན་ལམ་ཐེངས་དང་པོ་དེ་ཉིན་གསུམ་གྱི་རིང་ཚོགས་གཏན་འཁེལ་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། ཨ་རིའི་ནུའུ་ཡོག་གྲོང་ཁྱེར་དུ་བོད་རིགས་སྤྱི་འཐུས་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིར་༧སྐྱབས་རྗེ་དགའ་ལྡན་ཤར་པ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཆེད་ཕེབས་དབུ་བཞུགས་ཐོག ཨ་རི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་རྒྱུའི་དགོས་པ་དམིགས་ཡུལ་དང་གྲ་སྒྲིག་གནང་ཕྱོགས། ཆོ་འཕྲུལ་སྨོན་ལམ་ཆེན་མོ་དུས་ཆེན་གྱི་བྱུང་རབ་ལོ་རྒྱུས་སོགས་ཀྱི་སྐོར། གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒྱུད་སྟོད་ཕྱག་ཟུར་འཇམ་དཔལ་རྒྱ་མཚོ་དང་། ཕྱག་རོགས་འབྲས་བློ་གླིང་དགེ་བཤེས་ལྷ་རམས་པ་འཇམ་དཔལ་རྒྱ་མཚོ་གཉིས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org