བོད་ཁྱིམ་མཛད་སྒོའི་ཐོག་སྲིད་སྐྱོང་གི་གཏམ་བཤད།
བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་དང་སྲི་ཞུ་བའི་ཁོངས་སུ་བོད་ཁྱིམ་གྱི་སློབ་ཟུར་མང་དག་གཅིག་ཡོད་ལུགས་སྲིད་སྐྱོང་མཆོག་གིས་གཏམ་བཤད་བསྔགས་བརྗོད་གནང་འདུག
-
2013-10-24 -
-
-
བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་དང་སྲི་ཞུ་བའི་ཁོངས་སུ་བོད་ཁྱིམ་གྱི་སློབ་ཟུར་མང་དག་གཅིག་ཡོད་ལུགས་སྲིད་སྐྱོང་མཆོག་གིས་གཏམ་བཤད་བསྔགས་བརྗོད་གནང་འདུག
དེ་ཡང་ཚེས་༢༣ཉིན་བོད་ཁྱིམ་དབུ་བརྙེས་ཏེ་མི་ལོ་ ༥༣ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ད་བར་བོད་ཁྱིམ་ནས་ཐོན་པའི་སློབ་ཕྲུག་ཁྲི་བཞི་ཙམ་བྱུང་ཡོད་པ་རྣམས་ད་ལྟ་འཛམ་གླིང་ཁྱོན་ཡོངས་ལ་ཕེབས་ཏེ་སྤྱི་ཚོགས་ནང་ཕྱག་ལས་འདྲ་མིན་གནང་བཞིན་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་དང་སྲི་ཞུ་བའི་ཁོངས་སུ་བོད་ཁྱིམ་གྱི་སློབ་ཟུར་མང་དག་གཅིག་ཡོད་ལུགས་སྲིད་སྐྱོང་མཆོག་གིས་གཏམ་བཤད་བསྔགས་བརྗོད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་། སྲི་ཞུ་བ་ས་མིག་ ༦༡༦ ཡོད་ཁོངས་ནས་ ༡༩༤ བོད་ཁྱིམ་སློབ་ཟུར་ཡིན་པ་དང་། འདས་པའི་ལོ་གཉིས་ཙམ་ནང་སྲི་ཞུ་བའི་ཁོངས་འཛུལ་ཞུགས་གནང་མཁན་ ༥༦ བྱུང་ཁོངས་ནས་ ༣༥ བོད་ཁྱིམ་ནས་ཡིན་པ་དེ་བརྒྱ་ཆ་དྲུག་ཅུ་ལྷག་བོད་ཁྱིམ་གྱི་སློབ་ཟུར་ཆགས་བསྡད་ཡོད་པ་སོགས་བསྔགས་བརྗོད་ཞུས་གནང་འདུག