རོལ་དབྱངས་འཁྲབ་སྟོན་དང་དཔའ་པོའི་རྡོ་རིང།

བཞུགས་སྒར་དུ་བོད་ཀྱི་རོལ་དབྱངས་ལྷན་ཚོགས་ཐོག་རྒྱ་གར་གྱི་གཞས་པ་གྲགས་ཅན་ཞིག་མཉམ་ཞུགས་གནང་བ་དང་། དཔའ་པོའི་རྡོ་རིང་ཆེད་འཁྲབ་སྟོན་བྱས་འདུག

དབྱངས་ལ་ཐིམ་པའི་རྗེས་དྲན་གྱི་རྡོ་རིང་ པར། དུས་བབ།

བཞུགས་སྒར་དུ་བོད་ཀྱི་རོལ་དབྱངས་ལྷན་ཚོགས་ཐོག་རྒྱ་གར་གྱི་གཞས་པ་གྲགས་ཅན་ཞིག་མཉམ་ཞུགས་གནང་བ་དང་། དཔའ་པོའི་རྡོ་རིང་ཆེད་འཁྲབ་སྟོན་བྱས་འདུག

དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་བསྒྲིགས་གནང་སྟེ་བཞུགས་སྒར་དུ་བོད་ཀྱི་རོལ་དབྱངས་ཀྱི་མཚན་ཚོགས་ཤིག་གནང་བའི་ཐོག བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས་དང་། ཕུར་བུ་རྣམ་རྒྱལ་ལགས་སོགས་གཞས་པ་གཞས་མ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་མ་ཟད།  དམིགས་བསལ་ཕྱི་ལོ་ཉིས་སྟོང་བདུན་ལོའི་རྒྱ་གར་གྱི་Idol ཞེས་པའི་གཞས་ཀྱི་འགྲན་བསྡུར་ནང་བྱ་དགའ་ཐོབ་མཁན་ Prashant  Tamang ཡང་མཉམ་བཞུགས་གནང་ཡོད་འདུག

ནང་ཆོས་ལ་དད་ཞེན་བྱེད་མཁན་རྒྱ་གར་གྱི་གཞས་པ་ཁོང་གིས་ད་རེས་བོད་ཀྱི་གཟིགས་མོ་བ་ཚོའི་མདུན་གཞས་གཏོང་རྒྱུ་བྱུང་བ་དེར་དགའ་སྤྲོ་དཔག་མེད་བྱུང་ལུགས་དང་། ལྷག་པར་དུ་གཞས་སྣའི་རྣམ་གྲངས་མི་འདྲ་བ་ཡིན་ན་ཡང་ད་རེས་འདིར་འཛོམས་པའི་གཞས་པ་གཞས་མ་ཚོས་གཞས་གཏོང་བའི་དམིགས་ཡུལ་དེ་ནི་གཞན་ཕན་རོཌ་རམ་གྱི་ཆེད་དུ་ཡིན་པར་བརྟེན་ནས་ཁོང་རང་གིས་ཀྱང་མཚན་འཛོམས་དེའི་རིགས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་གསུང་འདུག  དེ་བཞིན་རྟ་མང་གཞས་པ་ཁོང་གིས་ཁ་སང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། དེ་ནི་ཁོང་རང་གི་རྨི་ལམ་སྒྲུབ་སོང་ཞེས་གསུང་འདུག

དེ་བཞིན་ཕྱི་ཚེས་༢༩་ཉིན་རྡ་སའི་ཟློས་གར་ཚོགས་པའི་ཐང་ཆེན་དུ། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་འདས་པའི་ལོ་གཅིག་རིང་རྒྱ་གར་ནང་ལོགས་ཀྱི་གཞིས་ཆགས་ཁག་ ༢༦ ཙམ་ལ་སྐོར་སྐྱོད་བྱས་ཏེ། བོད་དོན་འཐབ་རྩོད་ཁྲོད་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཆེད་རྗེས་དྲན་རྡོ་རིང་བཞེངས་རྒྱུར་མ་དངུལ་འཚོལ་སྒྲུབ་བྱས་པའི་མཇུག་བསྡོམས་མཛད་སྒོ་དབྱངས་ལ་ཐིམ་པའི་རྗེས་དྲན་གྱི་རྡོ་རིང་ཞེས་པ་དེ་ཚོགས་ཡོད་ཅིང་། ཁོང་ཚོས་ད་བར་དཔའ་བོའི་རྗེས་དྲན་རྡོ་རིང་བཞེངས་སྐྲུན་གྱི་མ་དངུལ་གསོག་སྒྲུབ་བྱས་ཡོད་པ་བསྡོམས་ཧིན་སྒོར་ ༦༨༡༧༥༦ བྱུང་ཡོད་འདུག་ལ། མ་དངུལ་དེས་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་ད་ལོའི་ཕྱི་ཟླ་༡༢ པའི་ནང་དཔའ་བོའི་རྗེས་དྲན་རྡོ་རིང་བཞེངས་མགོ་འཛུཌ་རྒྱུ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org