ཞི་བའི་གོམ་བགྲོད་ཀྱི་ལམ་ནས་པེ་ཅིང་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་ལ་ངོ་རྒོལ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་བག་གྲོ་ལགས་ཀྱི་གཙོས་བོད་མི་ཁག་ཅིག་གིས་ཞི་བའི་གོམ་བགྲོད་ཀྱི་ལམ་ནས་པེ་ཅིང་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་གནང་བ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་བག་གྲོ་ལགས་ཀྱི་གཙོས་བོད་མི་ཁག་ཅིག་གིས་ཨོས་ཊེ་ལི་ཡ་གྲོང་ཁྱེར་ནས་སིད་ནི་བར་ཞི་བའི་གོམ་བགྲོད་ཀྱི་ལམ་ནས་པེ་ཅིང་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་གནང་བ། དབྱངས་སྒྲོལ།

ཨོས་ཊེ་ལི་ཡའི་གྲོང་ཁྱེར་Newcastle གི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་བག་གྲོ་ལགས་ཀྱི་གཙོས་པའི་བོད་མི་ཁག་ཅིག་གིས་གྲོང་ཁྱེར་Newcastle ནས་སིད་ནི་བར་ཞི་བའི་གོམ་བགྲོད་ཀྱི་སྒོ་ནས་རྒྱ་ནག་འཚོགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལོམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་བཞིན་པའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org