བོད་དོན་ཆེད་རྒྱང་རྒྱུག་ཀྱི་ལས་འགུལ་གཉིས་པ།

ཉེ་ལམ་ཁེ་ན་ཌའི་མོན་ཊྲེལ་ནས་རྒྱལ་ས་ཨོ་ཊ་ཝ་དང་། དེ་ནས་ཊོ་རོན་ཊོ་གྲོང་ཁྱེར་བར་བོད་དོན་ཆེད་བོད་མི་ཁག་ཅིག་གིས་རྒྱང་རྒྱུག་ཀྱི་ལས་འགུལ་གནང་ཡོད་པ།

བོད་དོན་ཆེད་རྒྱང་རྒྱུག་ཀྱི་ལས་འགུལ་གཉིས་པ། པདྨ་དཀུན་དགའ།

ཉེ་ལམ་ཁེ་ན་ཌའི་མོན་ཊྲེལ་ནས་རྒྱལ་ས་ཨོ་ཊ་ཝ་དང་། དེ་ནས་ཊོ་རོན་ཊོ་གྲོང་ཁྱེར་བར་བོད་དོན་ཆེད་བོད་མི་ཁག་ཅིག་གིས་རྒྱང་རྒྱུག་ཀྱི་ལས་འགུལ་གནང་ཡོད་ཅིང་། ཁོང་ཚོས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་བོད་མི་ཚོར་ད་ལྟའི་དུས་འདིར་ཕྱི་རྒྱལ་ནང་ཡོད་པའི་བོད་མི་ཚོས་ནང་ཁུལ་རྙོག་གླེང་རིགས་ལ་དོར་ནས་བོད་མིའི་རྩ་དོན་དང་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་ཐབས་སུ་འབད་འབུངས་གནང་དགོས་པའི་འབོད་སྐུལ་གནང་གི་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱང་རྒྱུག་ལས་འགུལ་བ་ཁོངས་ནས་མི་སྣ་གཉིས་དང་། ལམ་ཁྲིད་པ་གཅིག འབྲེལ་མཐུད་པ་གཅིག་བཅས་དང་ལྷན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་དོན་ལས་འགུལ་འདྲ་མིན་སྤེལ་བའི་གལ་གནད་སྐོར་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org