ཞོ་སྟོན་ཐེངས་༢༡པ་རྒྱ་གར་ལྷོ་ཕྱོགས་སུ་སྲུང་བརྩི་ཞུ་རྒྱུ།

འདི་ལོའི་ཞོ་སྟོན་རྒྱས་པ་ཐེངས་༢༡པ་དེ་རྒྱ་གར་ལྷོ་ཕྱོགས་མོན་གོ་གཞིས་ཆགས་སུ་ལོ་ངོ་ ༥༠འཁོར་བའི་དུས་ཚིག་དང་བསྟུན་ནས་སྲུང་བརྩི་ཞུ་ཡིན་པ།

༢༠༡༢། ཞོ་སྟོན། དབུས་བོད་མིའི་སྒྲིག་འཛུགས།

༄༅། །བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག་ལོ་ལྟར་བོད་ཀྱི་ཞོ་སྟོན་སྲུང་བརྩི་ཞུ་བཞིན་པ་ལྟར། འདི་ལོའི་ཞོ་སྟོན་རྒྱས་པ་ཐེངས་༢༡པ་དེ་རྒྱ་གར་ལྷོ་ཕྱོགས་མོན་གོ་གཞིས་ཆགས་སུ་ལོ་ངོ་ ༥༠འཁོར་བའི་དུས་ཚིག་དང་བསྟུན་ནས་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org