བོད་ལ་གདན་ཞུ་མ་ཐུབ་བར་དུ་འཐབ་རྩོད་བྱ་རྒྱུ་ཡིན།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་༧གོང་ས་མཆོག་བོད་ལ་གདན་ཞུ་མ་ཐུབ་བར་དུ་བོད་དོན་འཐབ་རྩོད་བྱ་རྒྱུ་ཅེས་བསྒྲཊ་གཏམ་སྤེལ་འདུག

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་བསྒྲཊ་གཏམ པར། གཞོན་ནུ་ལྷན་ཚོགས་ཀྱི་དྲ་ངོས།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་བསྒྲཊ་གཏམ་ཞིག་སྤེལ་བའི་ནང་༧གོང་ས་མཆོག་བོད་ལ་གདན་ཞུ་མ་ཐུབ་བར་དུ་བོད་དོན་འཐབ་རྩོད་བྱ་རྒྱུ་ཡིན་ཟེར།

དེ་ཡང་ཚེས་༡༠ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོཊ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཁ་སང་ཚེས༡༠ཉིན་བསྒྲཊ་གཏམ་ཞིག་སྤེལ་བའི་ནང་། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་རུང་། བོད་ནང་གི་བོད་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་ལུས་མེ་རུ་སྒྲོན་བཞིན་ཡོད་ཚུལ་དང་། བོད་ནང་གི་བོད་མི་རྣམས་ནས་འཚེ་བ་མེད་པའི་ལས་འགུལ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་དབང་བསྒྱུར་དང་། བཙན་གནོན་མཚམས་འཇོག་ཡོང་རེ་གནང་སྟེ། འདས་པའི་ལོ་ངོ་བཞིའི་ནང་བོད་མི་༡༢༤་ཡིས་རང་ལུས་མེ་རུ་བསྒྲོན་ནས་རྒྱ་གཞུང་གི་དབང་བསྒྱུར་དང་སྲིད་ཇུས་ལ་ངོ་རྒོལ་གནང་ཡང་། རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་བཟང་ཕྱོཊ་ཀྱི་ལན་འདེབས་བྱེད་རྒྱུའི་ཚབ་ལ་རང་ལུས་མེར་བསྲེཌ་མཁན་དང་། ཁོང་རྣམས་པའི་ནང་མི་སྤུན་མཆེད་། ངོ་ཤེས་གྲོགས་པོ་སོཊ་ཀྱང་འཇུ་བཟུང་གིས་རྡུང་རྡེག་དང་། དུས་བཀག་བཙོན་འཇུག་ཚེ་བཙོན། ཐ་ན་སྲོག་ཐོག་གི་ཁྲིམས་ཐག་ཀྱང་གཅོད་བཞིན་ཡོད། བློ་ཕམ་ཆེ་བ་ཞིག་ལ་འཛམ་གླིང་གིས་གནས་སྟངས་དེར་དོན་ཕན་ལྡན་པའི་ཐེར་འདོན་བྱས་མེད་པ་མ་ཟད་། འདི་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་རྒྱ་ནག་དེ་བཞིན་སླར་ཡང་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཊ་ཀྱི་ཚོཊ་མིར་འོས་འདེམས་བྱས་པ་རེད་། དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བློ་ཕམ་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། གོང་འཕེལ་དགོས་པའི་གཞི་རྩའི་དམིཌ་ཡུལ་ལ་རྩིས་མེད་གཏོང་མཁན་རྒྱ་ནག་དེ་བཞིན་རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཊ་ཀྱི་ཚོཊ་མིར་ཡང་བསྐྱར་འོས་འདེམས་བྱས་པར་སྐྱོན་བརྗོད་ཤུཊ་ཆེ་བྱེད་ཀྱི་ཡོད་ཅེས་དང་། གང་ལྟར་གཞིས་བྱེས་བོད་མི་རྣམས་ནས་ཆིག་སྒྲིལ་གྱིས་བོད་ལ་རང་དབང་རང་བཙན་སླར་གསོ་བྱས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་མ་ཐུབ་བར་དུ་བོད་དོན་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་གསུངས་གནང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org