བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ཀྱི་བོད་པའི་སྐད་ཡིག་ལ་དོ་སྣང་དང་སྲུང་སྐྱོབ་བྱ་དགོས་པའི་སྐོར་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་ཡོད་པ།
- 2021-03-03
-
-
-
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
དགའ་ལྡན་ཕོ་བྲང་།
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༡ ཟླ་གཉིས་པའི་ ཚེས་༢༧ཉིན་བོད་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་སྩོལ་སྐབས། བོད་མི་རྣམས་ཀྱིས་བོད་རང་གི་ཆོས་ལུགས་དང་སྐད་ཡིག་སོགས་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་མཛད་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཧོང་གཙང་འཇིགས་མེད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།