མཛད་འཕྲིན་རྒྱས་པར་དགའ་སྟོན།

༧གོང་ས་མཆོག་ནས་ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་དང་མཇལ་མོལ་གནང་བ་སོགས་མཛད་འཕྲིན་རྒྱས་པོ་བྱུང་ཡོད་པར་དགའ་བསུ་ཞུ་སླད་ བོད་མི་༡༠༠༠ལྷག་ཙམ་གྱིས་དམིགས་བསལ་རྟེན་འབྲེལ་དགའ་སྟོན་གནང་སོང་།

མཛད་འཕྲིན་རྒྱས་པར་དགའ་སྟོན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། རྟ་མགྲིན་དབང་ཕྱུག

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་༧་ཉིན་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་ཁུལ་གྱི་ཡེ་ཤུའི་ལྷ་ཁང་National Cathedralགི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་སྟོང་ཕྲག་འགལ་བར་ཆོས་ལུགས་དང་མ་འདྲེས་པའི་འཛམ་གླིང་སྤྱི་ལ་ཁྱབ་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་ཡོད་ཅིང་།    གསུང་བཤད་གནང་ཡུལ་གྱི་ཕྱི་ལ་རྒྱལ་སའི་མངའ་ཁུལ་གྱི་བོད་མི་དང་ཉེ་ཁྲིས་ནིའུ་ཡོཀ་དང་ནིའུ་ཇར་སི་།Charlottesvile།    བོསི་ཊོན་བཅས་ནས་ཕེབས་པའི་བོད་མི་༡༠༠༠ལྷག་ཙམ་གྱིས་༧གོང་ས་མཆོག་ད་རེས་བོད་པའི་ལོ་གསར་གྱི་སྐབས་འདིར་ཨ་རིའི་ནང་ཞབས་སོར་འཁོད་པ་དང་ཆབས་ཅིག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་གྲོས་ཚོགས་གོང་འོག་གཉིས་ཀའི་གནས་ཡོད་འཐུས་མི་རྣམས་དང་མཇལ་འཕྲད།    དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་དང་མཇལ་མོལ་གནང་བ་སོགས་མཛད་འཕྲིན་རྒྱས་པོ་བྱུང་ཡོད་པར་དགའ་བསུ་ཞུ་སླད་དམིགས་བསལ་རྟེན་འབྲེལ་དགའ་སྟོན་གནང་སོང་།    དེའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org