དམིགས་བསལ་དགའ་སྟོན་གྱི་འདུ་འཛོམས།

ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་བོད་མི་༩༠༠་ལྷག་ཙམ་རྒྱལ་ས་ཝ་ཤིན་ཀྲོན་ལ་་༸གོང་ས་མཆོག་གི་ཞལ་མཇལ་ཆེད་ཕེབས་རྒྱུ།

༸གོང་ས་མཆོག་ཁ་སང་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་སླར་ཡང་ཞབས་སོར་འཁོད་སྐབས་བོད་མི་རྣམས་ནས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཞུས་སོང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཨ་རིའི་མངའ་སྡེ་ཁག་ཅིག་གི་ནང་ཞབས་སོར་འཁོད་པ་དང་བསྟུན།    མཛད་འཕྲིན་ཁག་ལེགས་གྲུབ་བྱུང་བར་དགའ་སྟོན་ཆེད་སང་ཉིན་ཕྱི་ཚེས་༧ཉིན་དམིགས་བསལ་གྱི་འདུ་འཛོམས་ཞིག་གནང་གི་ཡོད་པ་ལྟར།    སྐབས་དེར་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་མི་ཙམ་མ་ཚད་ནིའུ་ཡོག་ནས་བོད་མི་༩༠༠ཙམ་ཕེབས་ཀྱི་ཡོད་པ་རེད་འདུག    དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org