མང་ཚོགས་ནས་གཞུང་ཆེན་སློབ་སྦྱོང་བྱེད་དགོས།

དུས་རབས་ ༢༡པའི་ནང་སངས་རྒྱས་པའི་ཆོས་སྲ་བརྟན་གནས་དགོས་ན། ཚང་མས་གཞུང་ཆེན་གཟིགས་དགོས་པ་གལ་ཆེ་ཡིན་སྐོར་༸གོང་ས་མཆོག་ནས་བཀའ་གནང་ཡོད།

བྷན་དྷ་རར་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་བ། ༸སྐུ་སྒེར་དྲ་གནས།

༄༅།    །ཐེངས་འདིའི་གཏམ་གླེང་གི་ལེ་ཚན་ནང་།    ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་གནས་ཁག་ཅིག་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད་པས།    ཕྱི་ཚེས་༡༡ཉིན་རྒྱ་གར་བྷན་དྷ་ར་བོད་མིའི་གཞིས་ཆགས་སུ་ཞབས་གསོར་འཁོད་ནས་དད་ལྡན་མང་ཚོགས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་མ་གནང་སྔོན་བླ་དོར་བཀའ་སློབ་གནང་བའི་ནང་།    བོད་ནང་གི་བོད་མིའི་ལྷག་བསམ་ལ་བསྔགས་བརྗོད་དང་།    བོད་ཀྱི་ཆོས་བརྒྱུད་ཚང་མའི་རྩ་བ་ཐུག་ས་གཅིག་ཡིན་དུས་ཆོས་བརྒྱུད་ཚང་མར་དོ་སྣང་དགོས་པའི་ཐོག    དུས་རབས་ ༢༡པའི་ནང་སངས་རྒྱས་པའི་ཆོས་སྲ་བརྟན་གནས་དགོས་ན།    མང་ཚོགས་ཚང་མས་གཞུང་ཆེན་གཟིགས་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་བླང་དོར་བཀའ་སློབ་བསྩལ་བ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་སྒྲོལ་དཀར།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org