༧གོང་ས་མཆོག་གི་སྐུའི་མཛད་རྣམ་ཐད་དངོས་བྱུང་གློག་བརྙན་འགྲེམས་སྤེལ་གནང་རྒྱུ།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་Man of Compassion ཞེས་པའི་༧གོང་ས་མཆོག་གི་སྐུའི་མཛད་རྣམ་ཐད་དངོས་བྱུང་གློག་བརྙན་ཞིག་འགྲེམས་སྤེལ་གནང་རྒྱུ།
-
2020-08-13 -
-
-
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
ཨེ་ཨེཕ་པི།
Your browser doesn’t support HTML5 audio
༄༅།་ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། ཕྱི་ལོ་༢༠༢༠་ལོ་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་གནང་བ་ལྟར། འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་ཡོད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་Man of Compassion ཞེས་པའི་༧གོང་ས་མཆོག་གི་སྐུའི་མཛད་རྣམ་ཐད་དངོས་བྱུང་གློག་བརྙན་ཞིག ཕྱི་ཟླ་༩་པའི་བདུན་ཕྲག་དང་པོའི་ནང་འཛམ་གླིང་རྒྱལ་ཡོངས་ནང་འགྲེམས་སྤེལ་གནང་འཆར་ཡོད་པའི་སྐོར། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།