ལོ་ངོ་སྟོང་ཕྲག་རིང་ཆོས་ཚུལ་བཟང་པོ་འདི་གཅེས་འཛིན་བྱས་པ།

མེས་པོའི་མཛད་རྗེས་དང་ང་ཚོས་ལོ་ངོ་སྟོང་ཕྲག་རིང་ཆོས་ཚུལ་བཟང་པོ་འདི་འདྲ་ཞིག་གཅེས་འཛིན་ཞུས་ཡོད་པ་འདི་སྤོབས་པ་འོས་པ་ཞིག་ཡིན་སྐོར་སོགས་བཀའ་སློབ་གནང་བ།

ཚེས་༤ཉིན་ཌན་མག་གི་དགེ་སློབ་ཁག་ཅིག་ནས་མཇལ་ཁ་ཞུ་སྐབས། དགའ་ལྡན་ཕོ་བྲང་ཡིག་ཚང་།

ད་རིང་གི་གཏམ་གླེང་ལེ་ཚན་ནང་བཞུགས་སྒར་གྱི་ཕོ་བྲང་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་ཚོགས་སྡེ་དང་སྒེར་པ་ཁག་ལ་མཇལ་ཁ་བཀའ་སློབ་གནང་ཡོད་ཅིང་། དམིགས་བསལ་རྒྱུད་སྟོད་གྲ་ཚང་གི་དགེ་བཞེས་རྣམ་པར་མཇལ་ཁ་བཀའ་སློབ་གནང་པའི་ནང་མེས་པོའི་མཛད་རྗེས་དང་ང་ཚོས་ལོ་ངོ་སྟོང་ཕྲག་རིང་ཆོས་ཚུལ་བཟང་པོ་འདི་འདྲ་ཞིག་གཅེས་འཛིན་ཞུས་ཡོད་པ་འདི་སྤོབས་པ་འོས་པ་ཞིག་ཡིན་སྐོར་སོགས་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org