ཆོས་ཀྱི་སྙིང་པོ་སེམས་པ་བཟང་པོ།

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་སེམས་ཁམས་རིག་པ་དང་བསྟུན་ནས་འགྲོ་ཐུབ་ཀྱི་ཡོད་ལ། ཁོང་ཁྲོ་ང་རྒྱལ་ཤུགས་ཆུང་རུ་གཏོང་ཐུབ་ན་སེམས་ལ་ཞི་བདེ་ཡོང་རྒྱུ་དང་། ཆོས་ཀྱི་སྙིང་པོ་ནི་སེམས་པ་བཟང་པོ་བྱ་རྒྱུ་ཡིན་པ་སོགས་བཀའ་སློབ་གནང་ཡོད་པའི་སྐོར།

༧གོང་ས་མཆོག་ཟླ་༩ཚེས་༧ཉིན་མོན་ཡུལ་མི་དམངས་ནས་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། OHHDL

ད་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་ཆོས་འབྲེལ་དང་།   ཡང་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བསྟན་བཞུགས་བསྟར་འབུལ་སོགས་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་ཡོད་ཅིང་།   ༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་སེམས་ཁམས་རིག་པ་དང་བསྟུན་ནས་འགྲོ་ཐུབ་ཀྱི་ཡོད་ལ།   ཁོང་ཁྲོ་ང་རྒྱལ་ཤུགས་ཆུང་རུ་གཏོང་ཐུབ་ན་སེམས་ལ་ཞི་བདེ་ཡོང་རྒྱུ་དང་།  ཆོས་ཀྱི་སྙིང་པོ་ནི་སེམས་པ་བཟང་པོ་བྱ་རྒྱུ་ཡིན་པ་སོགས་བཀའ་སློབ་གནང་ཡོད་པས་ཞིབ་ཕྲ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།   

གསར་འགོད་པ། སྒྲོལ་དཀར།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org