ཨི་ཊ་ལིའི་བཙོན་པ་ཚོས་ཆོས་ཞུ་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨི་ཊ་ལིའི་པོ་མེ་ཡོ་གྲོང་ཁྱེར་ནང་མང་ཚོགས་ལ་གསུང་ཆོས་གནང་སྐབས་དུས་གཅིག་ཏུ་བཙན་ཁང་ཞིག་གི་ནང་བཙོན་པ་ཆིག་སྟོང་ཉིས་བརྒྱ་ལྷག་ནས་དྲ་བརྙན་བརྒྱུད་གསུང་ཆོས་ཞུ་ཐུབ།

པོ་མེ་ཡོ་གྲོང་ཁྱེར་སྤྱི་ཁྱབ་ནས་༸གོང་ས་མཆོག་ལ་ཕེབས་བསུ་ཞུ་བཞིན་པ། ཨིལ་ཏི་རེ་ནོ་དྲ་གནས།

༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་Italyནང་ཉིན་གྲངས་དྲུག་རིང་མཛད་འཆར་བསྐྱང་གནང་རྒྱུ་མ་ཟད།༸གོང་ས་མཆོག་གི་གསུང་ཆོས་Italyནང་གི་བཙོན་ཁང་ཞིག་གི་བཙོན་པ་ཚོར་དྲ་རྒྱ་བརྒྱུད་ནས་ཐོས་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་པའི་སྐོར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་སུ་གཡུ་སྒྲོན་ལགས་ནས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org