ཀུན་ལ་ཕན་སེམས་དང་བོད་སྐད་ཡིག་སློབ་སྦྱོང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ལ་ཕན་སེམས་དང་བོད་ཕྲུག་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་འདི་ཧ་ཅང་གལ་ཆེ་ཡིན་པའི་སྐོར་སོགས་བཀའ་སློབ་གནང་ཡོད་པ།

ཚེས་༢༦ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་བོད་མིར་མཇལ་ཁ་བཀའ་སློབ་གནང་སྐབས། དགའ་ལྡན་ཕོ་བྲང་།

དེ་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་པ་དང་། ཡང་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་པ། དེ་བཞིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་བོད་མིར་མཇལ་ཁ་བཀའ་སློབ་གནང་ཡོད་ཅིང་། ༧གོང་ས་མཆོག་ནས་ད་རེས་གསུང་ཆོས་དང་བཀའ་དབང་ཞུས་པའི་རྗེས་ཚང་མས་ཀུན་ལ་ཕན་པའི་བསམ་པ་ཞིག་བཅངས་དགོས་ལ། བོད་ཕྲུག་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་འདི་ཧ་ཅང་གལ་ཆེ་ཡིན་པའི་སྐོར་སོགས་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org