༧གོང་ས་མཆོག་ནས་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་དབུ་འབྱེད་རབ་གནས་མཛད་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་ཡོད་པ།

༧གོང་ས་མཆོག་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་རྟེན་འབྲེལ་མཛད་སྒོར་ཆིབས་བསྒྱུར། གསར་འགོད་པ་པདྨ་དངོས་གྲུབ།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༨ཉིན་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་རབ་གནས་མཛད་གནང་ཡོད་པ་དང༌། ཕྱི་ཚེས་༡༩ཉིན་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་ཡོད་པའི་སྐོར། འདི་གའི་ཆེད་གཏོང་གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་འབྲེལ་ཡོད་དང་ལྷན་དུ་བཀའ་མོལ་གནང་བར་གསན་རོགས་ཞུ༎

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org