བསམ་པ་བཟང་པོ་བྱེད་ན་བོད་ཀྱི་བརྟན་སྲིད་ལ་ཕན།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་དང་སྤྱོད་འཇུག་དེ་བཞིན་སྤྱས་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་མཛད་ཡོད་པ།
- 2022-07-30
-
-
-
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་དང་སྤྱོད་འཇུག་དེ་བཞིན་སྤྱས་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་མཛད་ཡོད་པ།
དགའ་ལྡན་ཕོ་བྲང་།
Your browser doesn’t support HTML5 audio
ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གནང་སྟེ་ད་རེས་ཟླ་༧ཚེས་༢༨ཉིན་ནས་ཉིན་གསུམ་རིང་ནང་ཆོས་ངོ་སྤྲོད་དང་སྤྱོད་འཇུག སྤྱས་རས་གཟིགས་ཀྱི་བཀའ་དབང་སོགས་གནང་ཡོད་པས། གསུང་ཆོས་ཉིན་དང་པོར་བཀའ་སློབ་གནང་པའི་ནང་བོད་ཀྱི་བདེན་དོན་ལ་མཚོན་ན་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བོད་ཀྱི་ཐོབ་ཐང་རྩོད་ན་རིམ་པས་བདེན་མཐའ་སེལ་རྒྱུ་ཡིན་པ་དང་། བསམ་པ་བཟང་པོ་བྱ་རྒྱུ་གལ་ཆེ་ཡིན་པ་སོགས་བཀའ་སློབ་གནང་ཡོད་པའི་སྐོར་ཞིབ་ཕྲ་འདི་གའི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་ལ་གསན་རོགས་ཞུ།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག