ཆོལ་གསུམ་བོད་མི་མཐུན་ལམ་དགོས་ལ། ཆོས་རྒྱུད་ནང་ཁུལ་མཐུན་ལམ་དགོས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་གསུམ་བོད་མི་ཕན་ཚུན་མཐུན་ལམ་དགོས་པ་དང་ཆོས་རྒྱུད་ནང་ཁུལ་མཐུན་ལམ་དགོས་པའི་བཀའ་སློབ་བསྩལ་གནང་མཛད་ཡོད་པ།

༢༠༡༨་ཟླ་༣པའི་ཚེས་༢ཉིན། བཞུགས་སྒར་དུ་༧གོང་ས་མཆོག་ནས་ཆོ་འཕྲུལ་ཟླ་བའི་སྨོན་ལམ་གསུང་ཆོས་སྩོལ་སྐབས། དགའ་ལྡན་ཕོ་བྲང་།

༄༅། །ཐེངས་འདིའི་གཏམ་གླེང་ལེ་ཚན་ནང་། བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་ནང་གི་རིས་མེད་བཙུན་མ་ཚོས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་པ་དང་ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་སྐབས་ཆོལ་གསུམ་བོད་མི་ཕན་ཚུན་མཐུན་ལམ་དགོས་པ་དང་།  ཆོས་རྒྱུད་ནང་ཁུལ་མཐུན་ལམ་དགོས་པ་སོགས་ཀྱི་བཀའ་སློབ་གནང་བ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་ལ་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org