དད་ལྡན་ཚོགས་ཁག་ཅིག་ལ་བཀའ་སློབ།

༸གོང་ས་མཆོག་གིས་ཕྱི་ཚེས་༧ཉིན་བཞུགས་སྒར་ཕོ་བྲང་དུ་ཝེཊ་ནམ་གྱི་ལས་དོན་འདྲ་མིན་ནང་འཛིན་སྐྱོང་ཐོག་སྤྱི་ཁྱབ་འགན་འཛིན་གྱི་འགན་འཁུར་བ་དང་། སྒྱུ་རྩལ་བ། དེ་བཞིན་ཤེས་ལྡན་པ་བཅས་ཁྱོན་མི་གྲངས་ ༧༡ ཙམ་ལ་ནང་ཆོས་ཀྱི་ངོ་སྤྲོད་དང་། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གི་ཐོག་ལ་ལམ་སྟོན་བཀའ་སློབ་གནང་འདུག

༸གོང་ས་མཆོག་གིས་ཝེཊ་ནམ་ནས་ཡིན་པའི་དད་ལྡན་ཚོགས་ཁག་ཅིག་ལ་བཀའ་སློབ་གནང་བ། ༸གོང་ས་མཆོག་གི་དྲ་གནས།

༄༅།    ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་༧ཉིན་བཞུགས་སྒར་ཕོ་བྲང་དུ་ཝེཊ་ནམ་ Vietnam གྱི་ལས་དོན་འདྲ་མིན་ནང་འཛིན་སྐྱོང་ཐོག་སྤྱི་ཁྱབ་འགན་འཛིན་གྱི་འགན་འཁྱེར་མཁན་དང་།    སྒྱུ་རྩལ་བ། དེ་བཞིན་ཤེས་ལྡན་པ་བཅས་ཁྱོན་མི་གྲངས་ ༧༡ ཙམ་ལ་ནང་ཆོས་ཀྱི་ངོ་སྤྲོད་དང་།    ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གི་ཐོག་ལ་ལམ་སྟོན་བཀའ་སློབ་གནང་འདུག    དེའི་སྐོར་གྱི་གནས་ཚུལ་ཞིག་ང་ཚོའི་གསར་འགོད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།།

སྐབས་དེར་༧གོང་ས་མཆོག་གིས་ཁོང་རྣམས་ལ་བསྩལ་བའི་བཀའ་སློབ་ནང་། མི་ཚེའི་ནང་དཀའ་ངལ་གྱི་གནས་སྟངས་ཇི་འདྲ་ཞིག་ནང་ལྷུང་ཡང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེར་ཞིབ་ཚགས་བསམ་བློ་གཏང་སྟེ་སེལ་ཐུབ་པའི་ནུས་པ་ཡོད་པ་དང་། དེང་སྤྱི་ཚོགས་ནང་གང་སར་ བཟང་སྤྱོད་མ་འདང་པའི་རྐྱེན་གྱིས་ལྐོག་ཟའི་དཀའ་ངལ་ཆེན་པོ་ཡོད་པར་དེ་དག་མེད་པ་བཟོ་ཐབས་སུ་གཞོན་སྐྱེས་ཚོར་དྲང་བདེན་སོགས་བཟང་སྤྱོད་ཀྱི་རིན་ཐང་ལམ་སྟོན་བྱ་གལ་ཆེ་པོ་ཡིན་པའི་བཀའ་སློབ་གནང་བ་དང་།     ཡང་༧སྤྱི་ནོར་༧གོང་ས་མཆོག་གིས་ཝི་ཊ་ནམ་གྱི་ཚོང་ལས་ཚན་པའི་འགོ་ཁྲིད་ཚོར་དེང་སང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལའང་དོ་སྣང་དགོས་པ་དང་། དཀའ་ངལ་འདི་དེང་སྐབས་འཛམ་གླིང་ནང་ཛ་དྲག་ཧ་ཅང་ཆེ་བའི་དཀའ་ངལ་ཞིག་ཡིན་པ་དང་། དཀའ་ངལ་དེ་སེལ་ཐབས་ལའང་འབད་བརྩོན་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་གསུངས་འདུག

ཝི་ཌི་ནམ་ནི་ནང་པ་མང་ཆེ་བ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་།  ཉེ་བའི་དུས་སུ་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་གྱི་ཡུལ་ཁག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཆཌ་ཀྱི་ཡོད་པ་རེད༎

གསར་འགོད་པ་བློ་བཟང་ཡེ་ཤེས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org