སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་དགོས་ན་གཞན་ཕན་གྱི་བློ་ཡོད་དགོས་པ།

༸གོང་ས་མཆོག་ནས་ཐེ་ཝན་གྱི་ཆོས་གྲོགས་ཚོས་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་འདི་ཤེས་ཡོན་གྱི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་ན་དགེ་མཚན་ཡོད་པ་བཀའ་གནང་འདུག

ཟླ་༡༠ཚེས་༢ཉིན་ནས་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཐེ་ཝན་གྱི་དད་ལྡན་པར་གསུང་ཆོས་གནང་སྐབས། དགའ་ལྡན་ཕོ་བྲང་ཡིག་ཚང་།

ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་ལམ་བརྒྱུད་དྲང་ངེས་ལེགས་བཤད་སྙིང་པོ་དང་དབུ་མ་འཇུག་པའི་བཀའ་ཆོས་གནང་ཡོད་པ་དང་གསུང་ཆོས་ཉིན་དང་པོའི་སྐབས་རྒྱ་ནག་ནི་མི་འབོར་མང་ཤོས་ཀྱི་ནང་པའི་ཡུལ་གྲུ་ཞིག་ཡིན་དུས་ཐེ་ཝན་གྱི་ཆོས་གྲོགས་ཚོས་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་འདི་ཤེས་ཡོན་གྱི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་ན་དགེ་མཚན་ཡོད་པ་དང་།   སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་དགོས་ན་གཞན་ཕན་གྱི་བློ་ཡོད་དགོས་པ་སོགས་པའི་སྐོར་བཀའ་སློབ་གནང་པའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org