ཨུ་རུ་སུའི་དད་ལྡན་ལ་ཆོས་འབྲེལ།
༸གོང་ས་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ནང་པའི་རྒྱལ་ཁབ་ཁག་ཅིག་གི་ཆོས་ཞུ་བར་ཉིན་གསུམ་གྱི་གསུང་ཆོས་གནང་ཡོད་པ་རེད།
-
2013-12-26 -
-
-
༸གོང་ས་མཆོག་ནས་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ནང་པ་ཁག་ཅིག་ལ་གསུང་ཆོས་གནང་བ།
༸སྐུ་སྒེར་དྲ་གནས།
Your browser doesn’t support HTML5 audio
༄༅། །དེ་རིང་གི་གཏམ་གླེང་ལེ་ཚན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ནང་པའི་རྒྱལ་ཁབ་ཁག་ཅིག་གི་ཆོས་ཞུ་བར་ཉིན་གསུམ་གྱི་གསུང་ཆོས་གནང་སྐབས། ཆོས་ལ་དད་པ་ཡོད་མེད་ལ་མ་བལྟོས་པར་ཚང་མ་བདེ་སྐྱིད་འདོད་མཁན་ཤ་སྟག་ཡིན་དུས་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་ཡིན་ཞིང་། གཞན་ཕན་གྱི་བློ་ཞིག་དགོས་པའི་སྐོར་ལ་བཀའ་སློབ་གནང་བ་ཁག་ཞིབ་ཕྲ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།