གཞན་ཕན་གྱི་བསམ་བློ་དགོས་པའི་བཀའ་སློབ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞོན་སྐྱེས་སློབ་མ་ཚོར་འགྲོ་བ་མི་གཅིག་པའི་འདུ་ཤེས་ཐོག་ནས་གཞན་ཕན་གྱི་བསམ་བློ་དགོས་པའི་བཀའ་གནང་ཡོད་པ་རེད།

༧གོང་ས་མཆོག་ཉི་ཧོང་གི་Shintoཆོས་ལུགས་ཀྱི་ཆོས་དཔོན་དང་། ལས་སྣེ་ཁག་ལྷན་དུ་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་མཛད་པའི་སྐབས། ༢༠༡༤།༤།༨ པར། OOT

༄༅།    །ཐེངས་འདིའི་གཏམ་གླེང་ལེ་ཚན་འདིའི་ནང་།    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཉི་ཧོང་ནང་ཆིབས་བསྒྱུར་གནང་བཞིན་ཡོད་པ་ལྟར།    ཚེས་༩ཉིན་གཞོན་སྐྱེས་སློབ་མ་ཚོར་དུས་རབས་༢༡མི་རབས་ཚོས་ཞི་བདེའི་སྤྱི་ཚོགས་ཤིག་སྐྲུན་ཆེད་འགྲོ་བ་མི་གཅིག་པའི་འདུ་ཤེས་ཐོག་ནས་གཞན་ཕན་གྱི་བསམ་བློ་དགོས་པ་དང་།   ཡང་སོའོ་ཐོའོ་ཆོས་རྒྱུད་ཀྱི་དགོན་པར་ཆིབས་བསྒྱུར་གནང་སྐབས་ཕྱོགས་ལྷུང་མེད་པའི་བྱམས་པ་དང་བརྩེ་བ་དགོས་སྐོར་བཀའ་གནང་ཡོད་པས།  ཉི་ཧོང་སྐུ་ཚབ་དོན་གཅོད་ལྷན་ཚེས་༡༡བར་གྱི་མཛད་འཆར་ཁག་གི་ཐོག་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org