ཉིན་བཞིའི་མཛད་འཕྲིན་ལེགས་གྲུབ།
༸གོང་ས་མཆོག་གིས་Frankfurt ནང་མང་ཚོགས་ལ་བཀའ་སློབ་དང་། གསར་འགོད་པ་དང་གནས་ཡོད་མི་སྣ་མཇལ་འཕྲད་གནང་འདུག
-
2014-05-16 -
-
-
༸གོང་ས་མཆོག་གིས་འཇར་མ་ནིའི་གྲོང་ཁྱེར་Frankfurtཁུལ་དུ་བསྐྱངས་པའི་ཉིན་བཞིའི་རིང་གི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག
༸གོང་ས་མཆོག་གི་དྲ་གནས།
Your browser doesn’t support HTML5 audio
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མ་ནིའི་གྲོང་ཁྱེར་Frankfurtཁུལ་དུ་ཉིན་བཞིའི་རིང་སློབ་ཕྲུག་དང་མང་ཚོགས་ལ་བདེ་སྐྱིད་ཀྱི་རྩ་བ་བྱམས་སྙིང་རྗེ་ཡིན་པ་དང་། དུས་རབས་༢༡པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་ཡོང་ཐབས་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་གནང་བ་དང་། ས་གནས་ཀྱི་གནས་ཡོད་མི་སྣ་དང་གསར་འགོད་པའི་ལྷན་མཇལ་མོལ་གནང་བ་བཅས་ཀྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག དེའི་སྐོར་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་སུ་ང་ཚོའི་གསར་འགོད་པ་ཚེ་དབང་ནོར་བུས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།