བོད་པའི་མཐོང་མ་བརླཌ་པ་བྱེད་དགོས།

༸གོང་ས་མཆོག་ནས་“བོད་ཕྱི་ནང་གང་དུ་ཡིན་ཡང་བོད་རིགས་ཞེས་མཐོང་ཡོད་པ་ཞིག་རེད། བོད་རིགས་ལ་མཐོང་ཡོད་པར་བརྟེན། བོད་པར་དགའ་པོ་བྱེད་མཁན་མང་པོ་ཡོད། བོད་པར་དགའ་པོ་བྱེད་མཁན་ག་ཚོད་ཡོད་པ་དེ་ཚོད་ཀྱི་བོད་པའི་བདེན་པའི་བདེན་རྒྱབ་ཅིག་སླེབས་ཀྱི་ཡོད། བོད་པའི་མཐོང་དེ་བརླགས་ན་རིན་ཐང་བྲལ་བ་རེད། སོང་ཙང་གཟབ་གཟབ་བྱེད་དགོས།” ཞེས་བཀའ་གནང་།

༸གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆོས་འབྲེལ་དབུ་འཛུགས་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཚེས་༢༥ཉིན་འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་ལམ་རིམ་གྱི་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་རེད།    སྐབས་དེར་ ༸གོང་ས་མཆོག་ནས་“བོད་ཕྱི་ནང་གང་དུ་ཡིན་ཡང་བོད་རིགས་ཞེས་མཐོང་ཡོད་པ་ཞིག་རེད།    བོད་རིགས་ལ་མཐོང་ཡོད་པར་བརྟེན།    བོད་པར་དགའ་པོ་བྱེད་མཁན་མང་པོ་ཡོད།    བོད་པར་དགའ་པོ་བྱེད་མཁན་ག་ཚོད་ཡོད་པ་དེ་ཚོད་ཀྱི་བོད་པའི་བདེན་པའི་བདེན་རྒྱབ་ཅིག་སླེབས་ཀྱི་ཡོད།    བོད་པའི་མཐོང་དེ་བརླགས་ན་རིན་ཐང་བྲལ་བ་རེད།    སོང་ཙང་གཟབ་གཟབ་བྱེད་དགོས།”    ཞེས་བཀའ་གནང་འདུག    ཞིབ་ཕྲ་ས་གནས་སུ་ཡོད་པའི་ང་ཚོའི་གསར་འགོད་པས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org