༧གོང་ས་མཆོག་སླེ་ལ་ཡོད་པའི་ཆོས་ལུགས་རིས་མེད་ཀྱི་ལྷ་ཁང་ཁག་ལ་གནས་གཟིགས་མཛད་པ།

སློབ་ཕྲུག་གཙོ་བོར་འགྱུར་བའི་མང་ཚོགས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བླང་དོར་བཀའ་སློབ་སྩལ་གནང་མཛད་པ།

དགའ་ལྡན་ཕོ་བྲང་ཡིག་ཚང་།

༄༅།།ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༢༣་ཉིན་ལ་དགས་ཀྱི་རྒྱལ་ས་སླེ་ལ་ཡོད་པའི་ཆོས་ལུགས་རིས་སུ་མ་མཆིས་པའི་ལྷ་ཁང་ཁག་ལ་གནས་གཟིགས་མཛད་པ་དང་ཕྱི་ཚེས་༢༥་ཉིན་ཁྲིག་རྩེ་ཤེས་རབས་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དབུ་འབྱེད་དང་རབ་གནས་མཛད་པ་མ་ཟད་སློབ་ཕྲུག་གཙོ་བོར་འགྱུར་བའི་མང་ཚོགས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བླང་དོར་བཀའ་སློབ་སྩལ་གནང་མཛད་པའི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org