སེམས་སྐྱིད་པོ་བྱུང་ན་བརྩེ་བ་རང་བཞིན་གྱི་ཡོད།

༸གོང་ས་མཆོག་ནས་སེམས་བཟང་པོ་ཡོད་ན་མི་ཚེ་སྐྱིད་པོ་ཡོང་རྒྱུ་དང་སེམས་སྐྱིད་པ་བྱུང་ན་བརྩེ་བ་རང་བཞིན་གྱི་ཡོད་པ་སོགས་བཀའ་སློབ་གནང་བ།

དགའ་ལྡན་ཕོ་བྲང་། སྒྲིག་བཟོ།

ད་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་གཙོས་པའི་ཆོས་ཞུ་བ་ཚོར་ཉིན་གཉིས་རིང་དབུ་མ་འཇུག་པ་རང་འགྲེལ་གྱི་གསུང་ཆོས་གནང་ཡོད་པ་དང་།  ཆོས་འབྲེལ་ཉིན་དང་པོའི་སྐབས་སེམས་བཟང་པོ་ཡོད་ན་མི་ཚེ་སྐྱིད་པོ་ཡོང་རྒྱུ་དང་སེམས་སྐྱིད་པ་བྱུང་ན་བརྩེ་བ་རང་བཞིན་གྱི་ཡོད་པ་སོགས་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། སྒྲོལ་དཀར།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org