༸གོང་ས་མཆོག་ཨ་རིར་༸ཞབས་སོར་འཁོད་པ།

༸གོང་ས་མཆོག་ནས་ཨ་རིའི་ཤར་ཕྱོགས་མངའ་སྡེ་ཁག་ཅིག་གི་ནང་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་འདུག

༸གོང་ས་མཆོག་ནས་སེ་ར་ཁྱིཡུས་མཐོ་སློབ་བཀའ་སློབ་སྩོལ་བཞིན་པ། ༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༡༠ཚེས་༨རེས་གཟའ་ཟླ་བ་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རིང་ཕྱི་ཟླ་༡༠ཚེས་༨ནས་བཟུང་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་ནང་མཛད་འཕྲིན་བསྐྱངས་གནང་གི་ཡོད་པའི་ཐོག་མར་ནིའུ་ཡོག་མངའ་སྡེའི་སེ་ར་ཁྱུ་སི་ཞེས་པའི་ས་གནས་སུ་ Syracuse University ཞེས་པའི་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ད་རིང་ཚེས་བརྒྱད་ཉིན་ཞི་བདེ་གླེང་བསྟེགས་ཞེས་པའི་འདུ་འཛོམས་ཀྱི་ཐོག་མཉམ་ཞུགས་གནང་གི་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག དེ་ནས་ཚེས་དགུ་ཉིན་འཛམ་གླིང་ནང་ཆིག་སྒྲིལ་གྱི་ཐོག་ནས་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས་ཅེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་རྒྱུ་ཡིན་འདུག དེ་ནས་ཚེས་བཅུ་ཉིན་ཝིར་ཇི་ནི་ཡའི་མངའ་སྡེའི་ནང་གི་William and Mary ཞེས་པའི་གཙུག་ལག་སློབ་གྲྭའི་ནང་བྱམས་བརྩེའི་སྐོར་གསུངས་བཤད་གནང་རྒྱུ། ཚེས་བཅུ་གཅིག་ཉིན་མངའ་སྡེ་ད་གའི་ནང་གི་ཤར་ལོཙ་ཕིལ་ཞེས་པའི་ས་གནས་སུ་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གདན་འདྲེན་ཞུས་པ་ལྟར། དུས་རབས་ཉེར་གཅིག་པའི་བྱམས་བརྩེའི་གཅེས་སྐྱོང་དང་སྨན་ཟུང་སྦྲེལ་གྱི་ཐོག་ནས་བཅོས་ཐབས་བྱེད་ཕྱོགས་སྐོར་བགྲོ་གླེང་ཚོགས་འདུར་དབུ་བཞུགས་གནང་རྒྱུ། ཡང་ཉིན་རྒྱབ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་༸གོང་ས་མཆོག་གི་ལྗག་རྩོམས་གནང་བའི་ཕྱག་དེབ་ཀྱི་ནང་དོན་ཐོག་གསུང་བཤད་གནང་གི་ཡོད་པ་རེད། དེ་ནས་རིམ་བཞིན་སྦོསྚོན་གྲོང་ཁྱེར་དང་། ནིའུ་ཡོརྐ། ཁ་ནེ་ཊི་ཀཊ། ཝར་མོནཊ་མངའ་སྡེ་བཅས་པའི་ནང་མཛད་འཆར་ཁག་ཅིག་བསྐྱང་གནང་གི་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org