༸གོང་ས་མཆོག་གི་ཧམ་སྦུག་གི་མཛད་འཕྲིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇར་མེ་ནིའི་གྲོང་ཁྱེར་ཧམ་སྦུག་ནང་བོད་རིགས་ཚོགས་པ་དང་ཇར་མེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ལོ་༣༥དང་༢༥འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་བ།
-
2014-08-26 -
-
-
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མེ་ནིའི་གྲོང་ཁྱེར་ཧམ་སྦུག་ནང་དད་ལྡན་མང་ཚོགས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལུ་འཇུག་པའི་བཀའ་ཆོས་གནང་བཞིན་པ།
༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ལོ་༢༠༡༤ཟླ་༨ཚེས་༢༦རེས་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མེ་ནིའི་གྲོང་ཁྱེར་ཧམ་སྦུག་ནང་དད་ལྡན་མང་ཚོགས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་དཀའ་དབང་སྩལ་གནང་མཛད་པ་དང་།དེ་བཞིན་ས་གནས་ཀྱི་བོད་རིགས་ཚོགས་པ་བཙུགས་ནས་ལོ་༣༥དང་ཇར་མེན་བོད་དོན་རྒྱབ་སྐྱོར་ཚོགས་བཙུགས་ནས་ལོ་༢༥འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཇར་མེ་དང་ཤར་ཡོ་རོབ་ཀྱི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་ངོ་སྤྲོད་གནང་ཞིག་གསན་རོགས་གནང༌༎
གསར་འགོད་པ་ཚེ་དབང་ནོར་བུ།