༸གོང་ས་མཆོག་དགུང་གྲངས་༨༨ ཕེབས་པའི་འཁྲུངས་སྐར་དང་ཁོང་གི་མཛད་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྤྱི་དང་ཡང་སྒོས་འཛམ་གླིང་གོ་ལ་འདིའི་ཐོག་མཛད་པ་རླབས་ཆེན་བསྐྱངས་པ།

ཨེ་ཨེཕ་པི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༧ ཚེས་ ༦ ཉིན་དགུང་གྲངས་ ༨༨ ལ་ཕེབས་ཀྱི་ཡོད་པ་ལྟར།  བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྤྱི་དང་ཡང་སྒོས་འཛམ་གླིང་གོ་ལ་འདིའི་ཐོག་མཛད་པ་རླབས་ཆེན་བསྐྱངས་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་།  གནའ་བོའི་རིག་གཞུང་འཛིན་སྐྱོང་ཇི་ལྟར་མཛད་ཡོད་མེད།  འཛམ་གླིང་སྤྱིར་ཕན་པའི་རླབས་ཆེན་གྱི་ལེགས་སྐྱེས་ཇི་གནང་སོགས་ཀྱི་ཐད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org