ས་ལུ་སྒ་རར་ཆིབས་བསྒྱུར།

༸གོང་ས་མཆོག་ནས་རྒྱ་གར་འབྲས་ལྗོངས་མངའ་སྡེ་ནང་གི་མཛད་འཆར་ལེཊ་གྲུབ་གནང་སྟེ་ས་ལུ་སྒ་རར་ཆིབས་བསྒྱུར།

༸གོང་ས་མཆོག་གིས་ནུབ་སྦང་སྒལ་མངའ་སྡེ་ས་ལུ་སྒ་ར་ས་གནས་སུ་དད་ལྡན་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པ། ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་འབྲས་ལྗོངས་མངའ་སྡེ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་གནང་སྟེ། ཕྱི་ཚེས་ཉི་ཤུ་རྩ་གསུམ་གྱི་ཉིན་ནུབ་སྦང་གལ་མངའ་སྡེའི་ས་ལུ་སྒ་ར་ས་གནས་སུ་ཆིབས་བསྒྱུར་སྐྱོང་སྐབས། ས་གནས་བོད་མིས་གཙོས་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་ཆེད་གཏོང་གསར་འགོད་པ་བློ་བེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org