༸གོང་ས་མཆོག་ནས་རྒྱལ་སྤྱིའི་ལྷན་ཚོགས་དབུ་འབྱེད།

ཕྱི་ཚེས་༦ཉིན་༸གོང་ས་མཆོག་གིས་བེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཁ་ར་སིཊི་གཙུག་ལག་སློབ་གྲྭའི་ནང་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་ལྷན་ཚོགས་ཤིག་དབུ་འབྱེད་མཛད་འདུག

༸གོང་ས་མཆོག་གིས་བེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཁི་རི་སིཊི་གཙུག་ལག་སློབ་གྲྭའི་ནང་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་ལྷན་ཚོགས་ཤིག་དབུ་འབྱེད་མཛད་གནང་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པདྨ་དངོས་གྲུབ།

༄༅། །རྒྱ་གར་ལྷོ་ཕྱོགས་བེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་ཁ་ར་སིཊ་གཙུག་ལག་སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ལོ་༢༠༡༤ ཟླ་ ༡ ཚེས་ ༦ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་སློབ་གྲྭའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་དབུ་འབྱེད་མཛད་་ཡོད་པའི་སྐོར། ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org