སྤྱོད་འཇུག་བཀའ་ཁྲིད་བསྩལ་བ།
༸གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ཏུ་ཆོས་ཞུ་བ་སྟོང་ཕྲག་ལྔ་ལྷག་ཙམ་ལ་སྤྱོད་འཇུག་བཀའ་ཁྲིད།
-
2010-05-22 -
-
-
༸གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་རེ་ཌི་ཡོ་སི་ཊི་ཚོགས་ཁང་དུ་དད་ལྡན་ཆོས་ཞུ་བ་ཚོར་སྤྱོད་འཇུག་བཀའ་ཁྲིད་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། སྟག་ལྷ་རྒྱལ།
Your browser doesn’t support HTML5 audio
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་ལྔ་པའི་ཚེས་ཉི་་ཤུ་རྩ་གཅིག་རེས་གཟའ་པ་སངས་ཀྱི་ཉིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ཏུ་ཡོད་པའི་རེ་ཌི་ཡོ་སི་ཊི་ཞེས་པའི་ཚོགས་ཁང་ནང་དུ།ཕྱི་ནང་དད་ལྡན་ཆོས་ཞུ་བ་མི་མང་སྟོང་ཕྲག་ལྔ་ལྷག་ཙམ་ལ་རྒྱལ་སྲས་ཞི་བ་ལྷས་མཛད་གནང་བའི་སྤྱོད་འཇུག་བཀའ་ཁྲིད་གནང་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་སྟག་ལྷ་རྒྱལ་གྱིས་ས་གནས་ས་ཐོག་ནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས༎