འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་དང་བརྩི་བཀུར་བྱ་རྒྱུ་གལ་ཆེ།

༸གོང་ས་མཆོག་ནས་རྒྱ་གར་ནང་གི་ཆོས་འདྲ་མིན་གྱི་ལྷན་ཚོགས་ཐོག་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་དང་བརྩི་བཀུར་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་བསྩལ་བ།

༸གོང་ས་མཆོག་ནས་ཕྱི་ཚེས་༢༠ཉིན་རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག་བཀའ་སློབ་སྩོལ་བཞིན་པ། ཨེ་ཨེཕ་པི།
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་འདིའི་ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་དང་བརྩི་བཀུར་དེ་བཞིན་ཡ་རབས་བཟང་སྤྱོད་གོང་འཕེལ་གཏང་རྒྱུ་གལ་ཆེན་པོ་ཡིན་པའི་ཐད་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

 

གསར་འགོད་པ་བསོད་ནམས་དབང་འདུས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org