༸གོང་ས་མཆོག་ནོར་བེ་རུ་ཆིབས་བསྒྱུར།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་བེ་ནང་ཞབས་སོར་འཁོད་ནས་མཛད་འཕྲིན་ཁག་བསྐྱངས་གནང་ཡོད་པ།

༸གོང་ས་མཆོག་གིས་ཨོ་སི་ལོ་གཙུག་ལག་སློབ་ཁང་གི་ཤེ་ཏུ་ནུབ་ Chateau Neuf theatreཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་སྩོལ་བཞིན་པ། ༸གོང་ས་མཆོག་གི་དྲ་གནས།
༄༅༎ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ ནོར་བེ་ནང་ཞབས་སོར་འཁོད་ནས་མཛད་འཕྲིན་ཁག་བསྐྱངས་ཡོད་པས། ཞིབ་ཕྲའི་མཛད་འཆར་ཁག་གི་ངོ་སྤྲོད་དང་། དམིགས་བསལ་ཚེས་༩ཉིན་ནོར་བེ་གྲོས་ཚོགས་སུ་ཆིབས་བསྒྱུར་གྱིས་གྲོས་ཚོགས་འཐུས་མིས་མཇལ་ཁ་ཞུས་པའི་ཁྲོད་ནས་གསར་འགྱུར་ནང་ཐོན་པའི་ནོར་བེ་གཞུང་གི་དཔོན་རིགས་ཀྱིས་མཇལ་ཁ་ཞུས་མེད་པའི་གནད་དོན་ཐོག་འབྲེལ་ཡོད་དང་ལྷན་བཀའ་མོལ་ཞུས་པ་ཞིག་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org