༸གོང་ས་མཆོག་མི་ནི་སོ་ཊ་རུ་ཞབས་འཁོད་།

༸གོང་ས་མཆོག་་ཁ་སང་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་གྲོང་ཁྱེར་མི་ནི་ཡ་པོ་ལི་སི་རུ་ཞབས་སོར་འཁོད།

༸གོང་ས་མཆོག་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་གྲོང་ཁྱེར་མི་ནི་ཡ་པོ་ལི་སི་རུ་ཞབས་སོར་འཁོད་གནང་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། རྡོ་རྗེ་དགྲ་འདུལ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་མི་རི་ཀའི་ནུབ་ཕྱོགས་ཀ་ལི་ཕྷོར་ནི་ཡའི་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། ཁ་སང་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་གྲོང་ཁྱེར་མི་ནི་ཡ་པོ་ལི་སི་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པས་གཙོས་སེར་སྐྱ་མི་མང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་ཆེད་གཏོང་གསར་འགོད་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org