དགའ་ལྡན་ལྔ་མཆོད་དང་བརྟན་བཞུགས།

རྗེ་རིན་པོ་ཆེས་མཛད་པའི་ཕྱག་དཔེ་སེམས་ལ་བཅངས་ཏེ་བྱང་སེམས་དང་སྟོང་ཉིད་ལ་སྦྱངས་པ་དགོས།

༢༠༡༩།༡༢།༢༢།ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐུ་པར། དགའ་ལྡན་ཕོ་བྲང་།

དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྔ་མཆོད་ཉིན་རྗེ་རིན་པོ་ཆེ་རྗེས་དྲན་ཞུ་དུས་གལ་ཆེ་ཤོས་ནི་རྗེ་རིན་པོ་ཆེས་མཛད་པའི་ཕྱག་དཔེ་སེམས་ལ་བཅངས་ཏེ་བྱང་ཆུབ་སེམས་དང་སྟོང་ཉིད་ལ་སྦྱངས་པ་དགོས་པའི་བཀའ་སློབ་གནང་ཡོད་པ་དང་།  བརྟན་བཞུགས་སྐབས་གཟིམ་ལམ་དང་ལུང་བསྟན་སོགས་མང་པོ་ཡོད་པའི་ཐོག་དེང་དུས་སྨན་བཅོས་ལག་རྩལ་སོགས་ཀྱི་ཐོག་ནས་ཀྱང་ཐུན་རྐྱེན་ཡག་རུ་འགྲོ་བཞིན་ཡོད་པས་སྐུ་ཚེ་ཡུན་རིང་བརྟན་རྒྱུ་སོགས་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org