སེན་ཧོ་སིའི་མཛད་འཕྲིན།
༸གོང་ས་མཆོག་ནསསེན་ཧོ་སེའི་ཁུལ་དུ་གསུང་ཆོས་དང་མཇལ་ཁ་བཀའ་སློབ་ཀྱི་མཛད་འཆར།
-
2010-10-13 -
-
-
༸གོང་ས་མཆོག་ནས་ཁེ་ལི་ཕོར་ནི་ཡའིི་སེན་ཧོ་སེའི་ཁུལ་དུ་གསུང་ཆོས་དང་མཇལ་ཁ་བཀའ་སློབ་ཀྱི་མཛད་འཆར་ངོ་སྤྲོད།
༸གོང་ས་མཆོག་གི་དྲ་གནས།
༄༅།།ཕྱི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་ཁེ་ལི་ཕོར་ནིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ཞིག་སེན་ཧོ་སེར་བོད་རིགས་མང་ཚོགས་དང་། བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མཱ་ལ་ཡའི་མི་མང་རྣམས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་བ་དང་།དད་ལྡན་ཕྱི་ནང་སེར་སྐྱ་མི་མང་ལ་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་བཀའ་དྲིན་ཆེ་གནང་མཛད་ཡོད་པ་རེད༎