༸གོང་ས་མཆོག་ཀ་བློན་སྦུག་ཏུ་ཆིབས་སྒྱུར་བསྐྱངས།

༸གོང་ས་མཆོག་ནས་དགའ་ལྡན་ཐར་པ་ཆོས་གླིང་གི་གཙུག་ལག་ཁང་ལ་རབ་གནས་བཀའ་དྲིན་སྩལ་གནང་མཛད་པ།

༸གོང་ས་མཆོག་ནས་དགའ་ལྡན་ཐར་པ་ཆོས་གླིང་གི་གཙུག་ལག་ཁང་ལ་རབ་གནས་བཀའ་དྲིན་སྩལ་གནང་མཛད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༢་རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་མངའ་སྡེ་ཝེསྚ་བེང་གལ་ནང་གི་ཀ་བློན་སྦུག་ཏུ་རྟེན་གཞི་བྱས་པའི་དགའ་ལྡན་ཐར་པ་ཆོས་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ལོ་ ༢༠༠༥ ལོར་གསར་བཞེངས་གནང་བའི་དགའ་ལྡན་ཐར་པ་ཆོས་གླིང་གི་གཙུག་ལག་ཁང་ལེགས་གྲུབ་ཟིན་པ་དེར་རབ་གནས་བཀའ་དྲིན་སྩལ་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་དཀར་མཛེས་བ་བསོད་ནམས་དབང་འདུས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org