རྒྱ་གར་ལྷོ་ཕྱོགས་ནས་ཕྱིར་ཕེབས།
༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ནས་དེ་རིང་བཞུགས་སྒར་དུ་ཞབས་སོར་འཁོད།
-
2010-09-05 -
-
-
༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་གཞུང་མང་ཚོགས་ཆེན་དང་པོར་ཕེབས་ནས་དེ་རིང་བཞུགས་སྒར་དུ་ཞབས་སོར་འཁོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་དགུ་པའི་ཚེས་ལྔ་རེས་གཟའ་ཉི་མའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཆར་ལེགས་པར་གྲུབ་རྗེས་དེ་རིང་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་བོད་མི་ཚོས་ཕེབས་བཟུ་ཟབ་རྒྱས་ཞུས་ཡོད་འདུག།