ཨིསི་ཀྲོ་ནི་ཡའི་སྲིད་འཛིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ནང་ཆིབས་བསྒྱུར་མཛད་འཆར།
-
2011-08-18 -
-
-
Your browser doesn’t support HTML5 audio
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ Estonia ཡུལ་གྱི་སྲིད་འཛིན་མཇལ་འཕྲད་དང་མང་ཚོགས་ཐོག་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ Estonia ཡུལ་ནང་གི་ཉིན་གཉིས་པའི་མཛད་འཆར་དུ་ཐོག་མར་ཡུལ་དེའི་ནང་གི་གསར་ཤོག་ཆེ་ཤོས་དང་གཟུགས་མཐོང་རླུང་འཕྲིན་གི་བཅར་འདྲིར་བཀའ་ལན་ཁག་གནང་ཡོད་པ་རེད། དེ་ནས་༸གོང་ས་མཆོག་གིས་ Estonia སྲིད་འཛིན་སྐུ་ཞབས་ Toomas Ilves མཆོག་དང་མཇལ་མོལ་གནང་རྗེས་བོད་དོན་དང་འབྲེལ་བའི་སྐོར་ཤེས་ལྡན་པ་དང་རྩོམ་བྲིས་པའི་ལྷན་ཚོགས་ཤིག་ལ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
དེ་ནས་༸གོང་ས་མཆོག་གིས་ Estonia འི་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་མོལ་གནང་རྗེས་དེར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Andres Herkel ཡིས་འབུལ་གཤོམས་གནང་བའི་ཉིན་གུང་གི་གསོལ་ཚིགས་དེ་དེར་བཞེས་གནང་ཡོད་པ་རེད། ཉིན་གུང་གསོལ་སྟོན་གྲུབ་འཕྲལ་གོང་ས་མཆོག་གིས་ Estonia དང་ Latvia, Lithuania ཡུལ་ཁག་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་མཇལ་མོལ་གནང་ཞིང་།ཁོང་རྣམས་པར་ད་ལྟའི་བོད་ཀྱི་གནས་བབ་སྐོར་བཀའ་སློབ་གསུང་བཤད་གནང་བའི་ནང་རྒྱ་ནག་གཞུང་གིས་དལྟའི་བོད་ནང་གི་སྲིད་བྱུས་དེ་བོད་མི་རྣམས་རང་ཡུལ་དུ་གྲང་ཉུང་མི་རིགས་ཤིག་ལ་འགྱུར་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་བཀའ་གནང་ཡོད་པ་རེད༎