ཆོས་ལུགས་དང་སྤྱི་ཚོགས།
༸གོང་ས་མཆོག་ནས་ཆོས་དང་སྤྱི་ཚོགས་ཞེས་པའི་ཉིན་གསུམ་གྱི་ལྷན་ཚོགས་དབུ་འབྱེད་བཀའ་དྲིན་ཆེ་གནང་མཛད་འདུག
-
2013-01-13 -
-
-
Your browser doesn’t support HTML5 audio
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་ཝ་ར་ཎ་སིར་ ནང་ཆོས་དང་སྤྱི་ཚོགས་ཞེས་པའི་ཉིན་གསུམ་གྱི་ལྷན་ཚོགས་དབུ་འབྱེད་བཀྲིན་ཆེ་གནང་མཛད་འདུག
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞི་ན་ཐོག་མར་ཟླ་བ་འདིའི་ཚེས་༧ནས་༡༠བར་ཉིན་གྲངས་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་ལེགས་པར་སྩལ་གནང་གྲུབ་བསྟུན།༸གོང་ས་མཆོག་གིས་ཆོས་ཞུ་བ་ཡོངས་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་གནང་བ་དང་འབྲེལ།དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་སྩལ་གནང་མཛད་པ་དང༌།གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གོང་ས་མཆོག་ལ་གཏན་བཞུགས་བསྟར་འབུལ་ཞུས་འདུག
༸གོང་ས་མཆོག་ནས་མང་ཚོགས་ལ་གསུང་ཆོས་གནང་སྐབས།སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཟེར་བའི་བསྟན་པ་དེ་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་པ་དེ་ཉམས་པ་གསོར་བཅུད།མི་ཉམས་གོང་འཕེལ་བཏང་ཡག་དེ་གལ་ཆེ་ཡིན་སྐོར་བཀའ་གནང་སྟེ།བཤད་པ་དང་སྒྲུབ་པ་གཉིས་ཀྱི་ལམ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་རྒྱུ།དེའང་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱི་སྒོ་ནས་སངས་རྒྱམ་ཀྱི་ཆོས་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གཟམ་མོ་སྩལ་གནང་མཛད་འདུགཕྱི་ཚེས་༡༡ཉིན་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ལ་བླངས་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང༌།ཕྱི་ཚེས་༡༢ཉིན་ཡེ་ཤུའི་མཆོད་དཔོན་ཁག་ཅིག་དང་ལྷན་དུ་བགྲོ་གླེང་གནང་ཡོད་པ་རེད།།