ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྦིར་ཅོན་ཏ་རའི་སྔ་འགྱུར་རྙིང་མའི་དགོན་པ་ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད་རབ་གནས་གནང་ཡོད་པ།

༸གོང་ས་མཆོག་ནས་ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད་རབ་གནས་མཛད་བཞིན་པ། ཕྱི་ལོ་༢༠༡༤ཟླ་༤ཚེས་༢༨། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

> ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད། བློ་བྷེ།<p

>

ཟབ་གསང་ཆོས་འཁོར་གླིང་དབུ་འབྱེད། བློ་བཟང་ཆོས་འཕེལ།།

༄༅༎ཕྱི་ཟླ་༤ཚེས་༢༨རེས་གཟའ་ཟླ་བའི་ཉིན་སྦིར་ཅོན་ཏ་རར་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དགོན་པ་ཟབ་གསང་ཆོས་འཁོར་གླིང་གི་འདུས་དམངས་ཡོངས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་རབ་གནས་མཛད་ནས་མང་ཚོགས་ལ་བཀའ་སློབ་སྩལ་ཡོད་པ་དང་།དེ་བཞིན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་ནས་ཡང་མང་ཚོགས་ལ་གསུང་བཤད་གནང་བའི་སྐོར་གསན་རོགས༎

ཡིག་ཐོག་གསར་འགྱུར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། བཞུགས་སྒར་རྡ་རམ་ས་ལ་དང་བར་ཐག་ཉེ་བའི་རྒྱ་གར་བྱང་ཕྱོགས་སྦིར་ཅོན་ཏ་རར་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དགོན་པ་ཟབ་གསང་ཆོས་འཁོར་གླིང་གི་འདུས་དམངས་ཡོངས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པ་ལྟར་ཚེས་༢༨ཉིན་༧གོང་ས་མཆོག་གིས་སྔ་འགྱུར་རྙིང་མའི་དགོན་པ་ཟབ་གསང་ཆོས་འཁོར་གླིང་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་རབ་གནས་གནང་ཡོད་པ་དང་། དགོན་པ་དེའི་མཚན་ཡང་༧གོང་ས་མཆོག་གིས་སྩལ་གནང་བ་ཡིན་པ་རེད། དེ་ནས་འབྲེལ་ཆོས་འབྲེལ་གྱི་མཛད་རིམ་ཁག་འགྲུབ་རྗེས་༧གོང་ས་མཆོག་གྷོ་པ་པུར་བོད་ཁྱིམ་སློབ་གྲྭར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org